བོད་མེ་ཕོ་སྤྲེལ་ལོའི་ཟླ ༨ ཚེས ༢༢ ཉིན་དང་རེས་གཟའ་ཕུར་བུ།
དབང་མོའི་གནམ་གཤིས་ཁང་།
暴风截图20158104930739.jpg

དབང་མོའི་གནམ་གཤིས། ༼ཉིན་དཀར།༡༦.༠༩.༡༩༽

  • དབང་མོའི་གནམ་གཤིས་ཁང་།
  • (09-19)འདིའི་བར་ནང་འཇུག་བྱས་ཚར།
  • བསྟོད།
  • མཉམ་སྤྱོད། 
  • ལེ་ཚན་མཚམས་སྦྱོར།
  • དབང་མོའི་གནམ་གཤིས་ཁང་ནི་ཁམས་པའི་བརྙན་འཕྲིན་ཁང་གིས་རྒྱ་ཆེ་བའི་བོད་རིགས་མང་ཚོགས་རྣམས་ལ་གནམ་གཤིས་སྐོར་གྱི་ཞབས་འདེགས་ཞུ་བའི་ཆེད་དུ་སྒྲོག་གཏོང་བྱེད་པའི་ལས་ཚན་ཞིག་ཡིན། ཉིས་སྟོང་བཅུ་གཉིས་ལོར་ལེགས་སྒྲིག་བྱས་པའི་གནམ་གཤིས་སྔོན་བརྡའི་ལེ་ཚན་འདིས་རྒྱ་ཆེ་བོད་རིགས་མང་ཚོགས་རྣམས་ལ་དུས་ལྟར་བོད་ཁུལ་ཡོངས་ཀྱི་གནམ་གཤིས་ཀྱི་འགྱུར་ལྡོག་ཤེས་བཅུག་སྟེ་ཐོན་སྐྱེད་འཚོ་བར་ཞབས་འདེགས་ཞུ་བའི་དམིགས་འབེན་གསལ་བོར་བཅངས་ནས། ནུས་ཤུགས་ཡོད་རྒུས་རྒྱ་ཆེ་བའི་བོད་རིགས་མང་ཚོགས་རྣམས་ལ་ཞབས་འདེགས་ཞུ་རྒྱུ་ཡིན།   ༼འདི་ལས་མང་བ།༽
ལེ་ཚན་འཕྲིན་གསར།
མདོ་འཛིན་པ།
སྐལ་བཟང་དབང་མོའི་ཕ་ཡུལ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་རྟའུ་རྫོང་ནས་ཡིན་ལ། ༢༠༠༩ལོའི་ཟླ་༩པར་ཁམས་པའི་བརྙན་འཕྲིན་ཁང་ལ་ལས་གནས་སྤོར་ཏེ། སྔ་ཕྱིར་ཁམས་པའི་དགའ་ཚལ་གྱི་རྩོམ་སྒྲིག་པ་དང་། གཟའ་མཇུག་གི་གར་སྟེགས་དང་དྲི་ཟའི་གླུ་གར་སོགས་ལེ་ཚན་གྱི་རྩོམ་སྒྲིག་གི་འགན་བཞེས། ༢༠༡༠ལོ་དང་ ༢༠༡༢ལོ། ༢༠༡༣ལོ། ༢༠༡༤ལོ་བཅས་ཀྱི་བོད་ཀྱི་ལོ་སར་དགོང་ཚོགས་ཀྱི་འཁྲབ་ཁྲིད་པ་གཞོན་པ་དང་། ཡུལ་དངོས་ཀྱི་འཁྲབ་ཁྲིད་པའི་འགན་སོགས་བཞེས་པ་མ་ཟད། ད་ལྟ་དབང་མོའི་གནམ་གཤིས་ཁང་ལེ་ཚན་གྱི་བཟོ་བདག་དང་མདོ་འཛིན་པའི་འགན་ཁུར་ཡོད།
བརྙན་ཕབ་དངོས།
འབྲེལ་འདྲིས་མེ་ལོང་།
ང་ཚོའི་ལེ་ཚན་ཐད་ཁྱེད་ལ་དགོངས་འཆར་ཅི་འདྲ་ཡོད། གལ་ཏེ་ཁྱེད་ཉིད་ལ་ཐུན་མིན་གྱི་ལྟ་བ་འདྲ་ཡོད་ན་ཐད་གར་ང་ཚོར་འབྲེལ་བ་བྱེད་རོགས།
康巴卫视微信 close