དབང་ཆེན་ལྷ་མོ་ནི་དཀར་མཛེས་ཁུལ་དཀར་མཛེས་རྫོང་ནས་ཡིན་ལ། ད་ལྟ་ཁམས་པའི་བརྙན་འཕྲིན་ཁང་གི་མདོ་འཛིན་པ་ཡིན། ༢༠༠༣ལོར་ཕུལ་དུ་བྱུང་བའི་སྦྱངས་འབྲས་བླངས་ནས་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་པ་དང་། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་ནས་ལོ་ངོ་བདུན་རིང་སློབ་སྦྱོང་བྱས་ནས། བོད་རིག་པའི་ཤེས་རམས་པའི་ཐོབ་ཐང་དང་། རབ་འབྱམས་པའི་ཐོབ་ཐང་བླངས། ༢༠༠༩ལོ་ནས་ཁམས་པའི་བརྙན་འཕྲིན་ཁང་གི་ཁམས་པའི་དགའ་ཚལ་གྱི་མདོ་འཛིན་པ་བྱས།
ལིན་ཧྥེང་གི་ནི་ལིའོ་ཉིང་ཧྥུའུ་ཞིན་གྱི་མི་ཡིན་ལ། ༢༠༠༦ལོར་ལས་ཀར་ཞུགས་ནས་ཙི་དབྱང་བརྙན་འཕྲིན་ཁང་གི་དམངས་འཚོའི་གསར་འགྱུར་རྒྱང་བསྒྲགས་མཁན་གཙོ་བོའི་འགན་འཁུར།༢༠༡༠ལོར་ཁམས་པའི་བརྙན་འཕྲིན་ཁང་དུ་ཡོང་ནས་ཁམས་པའི་དགའ་ཚལ་གྱི་མདོ་འཛིན་བྱེད་པ་རེད།